the alliance

རང་བཙན་མཐུན་ཚོགས།

རང་བཙན་མཐུན་ཚོགས།

རང་བཙན་མཐུན་ཚོགས་ནི་ དམིགས་ཡུལ་ཁག་གསུམ་མངོན་འགྱུར་ཡོང་སླད་དུ་ཐུན་མོང་གི་སྡིངས་ཆ་ཞིག་བསྐྲུན་ཆེད་ མཉམ་འཛོམས་བྱས་པའི་འཛམ་གླིང་སྟེང་གི་བོད་མི་དང་གྲོགས་པོ་བློ་ཐག་ཆོད་པ་ཚོའི་ལས་འགུལ་ཞིག་ཡིན། དམིགས་ཡུལ་གསུམ་ནི།

  • བོད་རང་བཙན་སླར་གསོ།
  • ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་རང་བཙན་རྒྱལ་ཁབ་ཅིག་གི་དབུ་འཛིན་ཡིན་པའི་ངོ་བོའི་ཐོག་ནས་བོད་དུ་སླར་ཆིབས་བསྒྱུར་གནང་བ།
  • བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དང་། བོད་རང་དབང་གི་སྐབས་སུ་ ཁྲིམས་ཀྱི་དབང་བསྒྱུར་དང་སྐྱེ་བོ་སྒེར་པའི་རང་དབང་གཞིར་བཟུང་གིས་ ཆ་ཚང་བའི་དམངས་གཙོའི་གཞུང་སྲོལ་ཞིག་འཛུགས་རྒྱུ།
རང་བཙན་མཐུན་ཚོགས་ཀྱི་ལས་རྟགས།

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཕྱག་མཚན་རལ་གྲི་མེ་འབཪ་སྟེ། འདིས་མ་རིག་པ་དང་ལེ་ལོ། འཇིགས་དངངས་ཀྱི་ལྕགས་ཐག་བཅད་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་དོ༎

ང་ཚོའི་ཚོགས་པ་རྩ་འཛུགས་མཁན་རྒན་པའི་ ༼འདས་པོ་༽གསུང་འཕྲིན།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་བཟུང་ང་ཚོའི་སྟེང་སླེབས་པ་འདི་ཚང་མ་ལ་མ་ལྟོས་པར། བོད་མིའི་རྒན་གཞོན་ཕོན་ཆེ་བ་ནི། རང་གི་ཡུལ་མིས་སྲོག་བློས་བཏང་བྱས་པའི་དམིགས་ཡུལ་གསལ་པོ་ཞིག་གི་ཆེད་དུ་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པ་རེད། དེ་ནི་རང་དབང་དང་རང་བཙན་གྱི་རྒྱལ་ཁབ་དག་གི་ནང་ འདྲ་མཉམ་ཡིན་པའི་བོད་ཀྱི་བདེན་པའི་གོ་བབ་བསྐྱར་གསོ་བྱེད་རྒྱུ་དེ་རེད། བོད་ཀྱི་ཆོས་རིག་གོམས་སྲོལ་དང་རྒྱལ་ཁབ་ཀྱི་ངོ་བོ་དེ་ནི་བོད་རང་བཙན་ཁོ་ནས་བདག་ཉར་རྒྱུན་འཛིན་བྱེད་ཐུབ་གི་རེད་ཅེས་ལོ་མང་རིང་ངས་བཤད་ཡོད། “རང་སྐྱོང་”གྲོས་མོལ་གྱི་འབག་དེ་ནི་ཡིད་སྐྱོའི་ཕམ་ཁ་ཞིག་ཡིན་པ་དང་། རྒྱ་ནག་གིས་ང་ཚོའི་ལུང་པ་ཁྱུར་མིད་བྱེད་ངེས་པ་དེ་ཁས་ལེན་བྱས་པ་ཞིག་ཡིན་པ་རེད། ད་དུང་བོད་འདི་སྟོབས་ཆེ་ཞིང་དཔལ་ཡོན་དར་བའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་བོད་ཀྱི་བཙན་པོ་རླབས་ཆེན་ཚོའི་གདུང་རྒྱུད་ལ་འོས་བབ་མེད་པ་ཞིག་ཡིན་པ་རེད། ངས་བོད་མི་ཡོངས་ལ་ཞུ་རྒྱུར། བོད་ནང་གི་སྤུན་ཟླ་ཕོ་མོ་དང་། དེ་བཞིན་ང་ཚོ་དང་ལྷན་དུ་ང་ཚོའི་ལུང་པ་ལ་རང་དབང་ལེན་པའི་འཐབ་རྩོད་ཡང་དག་པ་དང་། དམ་པ་འདི་ལ་མཉམ་ཞུགས་གནང་རོགས། ང་ཚོའི་དུས་ཚོད་ལ་སླེབས་ཡོད་པ་རེད།

ཨིན་ཌཱི་ཡ་ན་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སྐུ་འབུམ་དགོན་པའི་མཁན་ཟུར་ལྟག་མཚེར་སྤྲུལ་སྐུ་ཐུབ་བསྟན་འཇིགས་མེད་ནོར་བུས། ༢༠༠༡ ལོའི་ཟླ་ ༡༡ ཚེས་ ༢༣ ལ།

Bookmark and Share
.