blogs

blogs

Enjoy a large variety of incisive and original opinions and analysis on Tibet’s political affairs, society, culture and arts.

book & film reviews

Original reviews of books, magazines, films and music relevant to Tibet’s struggle for independence.

cinema ’59

Discuss and organize screenings of films of freedom struggle and national liberation, and propose specific titles that inspire you.

news & events

Find out about past and forthcoming events, demonstrations, actions and conferences around the world.

videos & photos

Check the latest videos from a number of sharing websites and photos collections on Tibet’s struggle for independence.

འོས་བསྡུ་ལས་ཁང་སོགས་ལ་ཕུལ་བའི་ཡོངས་ཁྱབ་ཞུ་ཡིག་ཅིག

avatarBy
Wednesday, Oct 14, 2015
No Comment

oPenLetter_BOD

རྒྱ་གར་རྡ་རམ་ས་ལར་འཁོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་ བསྡུའི་སྤྱི་ཁྱབ་འགན་འཛིན་དང་། བཀའ་ཤག སྲིད་སྐྱོང་བཅས་ལ་ཕུལ་བའི་ཡོངས་ཁྱབ་ཞུ་ཡིག

༼ཨིན་ཡིག་ཏུ་འཁོད་པའི་མ་ཡིག་འདི་ནས་གཟིགས། http://www.tibet.org/openletter/

གཤམ་དུ་མིང་རྟགས་བཀོད་པའི་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་ང་ཚོས་ད་ ལྟའི་བོད་ཀྱི་འོས་འདེམས་བརྒྱུད་རིམ་དང་འབྲེལ་བ་ཆགས་པའི་ཉེ་ཆར་གྱི་གནས་ཚུལ་ འགའ་ཞིག་ཐད་སེམས་འཚབ་བྱུང་བ་རྣམས་གསལ་འདོན་ཆེད་ཡི་གེ་འདི་ཁྱེད་ཅག་ལ་འབྲི་ བཞིན་ཡོད།
༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ འཛིན་སྐྱོང་ཁྲོད་དམངས་གཙོ་བསྐྲུན་ཐབས་ལ་སྐུ་ངལ་འཛེམ་མེད་མཛད་ཡོད་ཅིང་། ཁོང་གིས་ “བོད་ནང་ཡོད་པའི་རྒྱ་ནག་དམར་པོའི་དབང་འཛིན་ལམ་ལུགས་དང་མི་མཚུངས་པར་ང་ཚོའི་ བཙན་བྱོལ་སྤྱི་ཚོགས་ནང་དེང་རབས་དམངས་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་འཛུགས་ཐུབ་ ཡོད། མ་འོངས་ཕུགས་རྒྱང་རིང་པོའི་ཆ་ནས་ཐག་གཅོད་འདིས་ང་ཚོའི་བཙན་བྱོལ་བའི་སྒྲིག་ འཛུགས་འདི་ཤུགས་ཆེ་བ་དང་ཚད་ལྡན་པ་ཞིག་ཡོང་གི་རེད། ་་་་འདི་ནི་ང་ཚོའི་གྲུབ་འབྲས་གཟི་བརྗིད་ལྡན་པ་ཞིག་ཡིན། བོད་ནང་གི་བོད་མི་ཚོས་ཀྱང་གྲུབ་འབྲས་འདི་ལ་སྤོབས་པ་སྐྱེ་འོས་པ་ཞིག་ ཡིན།”ཞེས་ཁོང་ཉིད་ལས་འཁྱུར་མཛད་པའི་གསུང་འཕྲིན་དུ་བསྩལ་ཏེ། རང་མོས་བཞིན་ཆབ་སྲིད་ཀྱི་སྐུ་དབང་རྣམས་འོས་འདེམས་བྱས་པའི་ལས་བྱེད་པར་རྩིས་ འབུལ་བྱས་པ་དེར་ཁོང་སྐུ་སྒེར་ངོས་དང་བོད་རྒྱལ་ཁབ་ཀྱི་ངོས་ནས་ཐུགས་ཡིད་ཚིམ་ པའི་སྐོར་ལན་མང་གསུངས་ཡོད།ང་ཚོས་༧གོང་ས་མཆོག་གི་མཛད་པ་དང་དེ་བཞིན་ཁོང་གི་ལས་འཁྱུར་སྐབས་ཀྱི་གསུང་ འཕྲིན་དེའི་གལ་ཆེའི་རང་བཞིན་ལ་ཧ་ཅང་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་ཅིང་། གསུང་འཕྲིན་དེའི་ཁོངས་སུ་བཙན་བྱོལ་གཞུང་གི་ལས་འགན་སྒྲུབ་རྒྱུ་ཙམ་ཞིག་མ་ཡིན་ པར་ཡུན་རིང་མནར་གཅོད་འོག་ཡོད་པའི་བོད་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཇེ་ལེགས་སུ་ གཏོང་བའི་ཆེས་མཐོའི་འོས་འགན་ཅན་གྱི་ལས་སྣེའི་འོས་འདེམས་ལ་བཙན་བྱོལ་བོད་མི་ མི་རེ་ངོ་རེ་བཞིན་གྱིས་དྲང་བདེན་དང་རང་དབང་གི་ཐོག་ནས་ཆ་ཤས་ལེན་པའི་ཐོབ་ཐང་ ཡོད་པ་དེ་ཡང་འདུས་ཡོད་པ་ཡིན། ལྷག་དོན་དུ་བོད་མི་ཚང་མ་ལ་བོད་ཀྱི་འབྱུང་འགྱུར་སྐོར་ལ་བསམ་ཚུལ་འཛིན་པ་དང་ ཤོད་པའི་ཐོབ་ཐང་ཡོད་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།
དེར་བརྟེན་ང་ཚོར་སེམས་འཚབ་ཡོད་པ་ཁག་ནི།

  •  དབུས་འོས་བསྡུ་ལས་ཁང་ནས་ཉེ་ཆར་སྒྲིག་གཞི་ཞིག་སྤེལ་པ་དེས་འབྱུང་འགྱུར་ བཙན་བྱོལ་བོད་མིའི་འོས་འདེམས་ཁྲོད་སྨྲ་བརྗོད་རང་དབང་དང་། དེ་བཞིན་ཚོགས་སྡེ་དང་སྒེར་གྱི་འདུ་འཛོམས་ཐོབ་ཐང་ལ་ཚད་འཛིན་བྱས་འདུག སྒྲིག་གཞི་དེའི་ནང་དུ་དམིགས་བསལ་བ་གཅིག་མ་གཏོགས་གཞན་རང་དབང་ཅན་གྱི་ཚོགས་ པའམ་གང་ཟག་སྒེར་ངོས་ནས་སྐད་འབོད་ལས་དོན་སྤེལ་རྒྱུ་ལ་མ་དངུལ་གཏོང་བའམ་དྲིལ་ བསྒྲགས་བྱེད་རྒྱུ་ལའང་ཚད་བཀག་བྱས་ཡོད་པ་ཚུད་ཡོད། ཚད་བཀག་བྱས་པ་འདི་དག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲོད་དུ་བཞག་ཡོད་ པའི་རྒྱལ་སྤྱིའི་ཡོངས་གྲགས་འགྲོ་བ་མིའི་ཐོབ་ཐང་དང་མི་མཐུན་པ་ཆགས་ཡོད།
  • སྒྲིག་གཞིའི་འོག་ནས་དམིགས་བསལ་སྤྲད་པའི་ཚོགས་སྡེ་ཁག་གི་རང་འདོད་ཐོ་ གཞུང་དེ་ནི་བཀའ་ཤག་གིས་བཟོས་ཤིང་། འདིས་ད་ཡོད་དབུ་འཁྲིད་དག་ལ་འོས་འདེམས་ཀྱི་ཁེ་ཕན་ཆེན་པོ་སྤྲོད་ཀྱིན་འདུག ཐོ་དེའི་ནང་མ་མཐའ་ལའང་ཚོགས་པ་གཅིག་གིས་ཡོངས་གྲགས་ཀྱི་ཐོག་ནས་ད་ཡོད་ཀྱི་དབུ་ ཁྲིད་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
  • བཀའ་ཤག་དང་འོས་བསྡུ་ལས་ཁང་གང་གིས་ཀྱང་ཚོགས་སྡེ་གཞན་དང་གཞན་ལའང་སྒྲིག་ གཞི་འདི་དག་ལས་དམིགས་བསལ་སྤྲོད་ཕྱོགས་ཀྱི་བརྒྱུད་རིམ་དང་ཆ་རྐྱེན་གང་ཡང་ ཕྱིར་བསྒྲགས་བྱས་མེད་ཅིང་། འདི་ནི་མ་མཐའ་ལ་ཡང་ད་ཡོད་ཀྱི་དབུ་འཁྲིད་མིན་པའི་འོས་མི་ཞིག་ལ་རྒྱབ་སྐྱོར་ བྱེད་མཁན་གྱི་ཚོགས་པ་ཞིག་གིས་དེ་ལྟར་ངོས་འཛིན་དང་དམིགས་བསལ་གནང་རོགས་ཞེས་ ཐེངས་མང་རེ་སྐུལ་ཞུས་རྗེས་སུའང་དེ་ལྟར་རེད།
  • ལྷག་པར་དུ། ཚོགས་སྡེ་འགའ་ཞིག་གིས་སྨྲ་བརྗོད་རང་དབང་ཆ་ཚང་བ་ལོངས་སུ་སྤྱོད་པ་དང་། གཞན་རྣམས་ཀྱིས་ལོངས་སུ་མི་སྤྱོད་པའི་ལམ་ལུགས་ངོ་གཉིས་མ་ཞིག་བསྐྲུན་པའི་ ཁྲོད། ཚད་བཀག་བྱེད་པའི་སྒྲིག་གཞི་འདི་དག་ལས་དམིགས་བསལ་ཡོང་རྒྱུར་བཀའ་ཤག་གི་དག་ མཆན་ཐོབ་དགོས་པའི་རྐྱེན་གྱིས། འོས་བསྡུ་ལས་ཁང་གིས་འོས་བསྡུའི་བརྒྱུད་རིམ་འདི་ཆབ་སྲིད་རང་བཞིན་དུ་བསྒྱུར་ ཡོད་མོད། ད་དུང་བཀའ་ཤག་གི་དབུ་འཛིན་གྱིས་བསྐྱར་འདེམས་ཡོང་ཐབས་བྱེད་ཀྱིན་ཡོད། ཁྲིམས་མཐུན་གྱི་དམངས་གཙོའི་ལམ་ལུགས་གང་འདྲ་ཞིག་ཡིན་རུང་འོས་འདེམས་ཁྲོད་ཀྱི་ འོས་མི་གཅིག་གིས་འོས་འདེམས་དེའི་ནང་ཚོགས་སྡེ་གང་ཞིག་གིས་དངུལ་ཕངས་མེད་དང་ གཏམ་བརྗོད་རང་དབང་དུ་བྱེད་དུ་འཇུག་མིན་གྱི་ཐག་གཅོད་བྱེད་པ་ཞིག་མེད་པ་ནི་ གསལ་པོ་རེད།
  • སྔོན་འགྲོའི་འོས་འདེམས་མ་བྱས་གོང་། འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་འདེམས་ཁྲོད་ནས་འོས་ཤོག་མང་ཐོབ་ནས་རྩེ་ བཏོག་གིས་སྲིད་སྐྱོང་གི་གོ་སའི་འོས་འདེམས་དངོས་གཞི་ལ་ཞུགས་སུ་འཇུག་རྒྱུའི་ ཐག་གཅོད་བྱེད་པའི་འོས་འགན་དེ་རྩིས་མེད་དུ་བཏང་བ་རེད། དེར་བརྟེན་འོས་མིའི་མིང་ཐོ་མཐའ་མ་འདེམས་རྒྱུ་དེ་ཆབ་སྲིད་ཀྱི་དགོས་དབང་སླད་ དུ་ལྐོག་ནས་གཡོ་བྱུས་བྱེད་སྲིད་པའི་སྒོ་མོ་ཕྱེས་ཡོད་པ་རེད།
  • འོས་བསྡུ་ལས་ཁང་གི་སྒྲིག་གཞི་དེར་གསལ་ཁ་མེད་པའི་དགག་བྱའི་སྐོར་འཁོད་པ་ དེས་གང་འདོད་ཀྱིས་དེ་ལ་འགྲེལ་བརྗོད་བྱེད་པའམ་ཕྱིས་འབྱུང་སྔོན་ཁྲིམས་ལ་ཁག་ དཀྲི་བྱེད་པའི་གོ་སྐབས་སྤྲད་ཡོད། དཔེར་ན་ཁྲིམས་གཞི་འདི་དག་གིས་སྐྱེ་བོ་སུ་ཞིག་གིས་ “གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་” དང་ཡང་ན། “སྤྱི་ཚོགས་བཅས་ཁྲོད་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་ རྐྱེན་སློང་” བཟོ་བ་བཀག་ཡོད་མོད། མིང་ཚིག་དེ་ལྟ་བུ་ལ་འགྲེལ་བརྗོད་བྱས་མེད་ལ། དེ་དག་ཐག་གཅོད་ཇི་ལྟར་བྱེད་རྒྱུ་ཡིན་པའི་སྐོར་ཡང་བཤད་མེད། སྒྲིག་འགལ་བྱུང་ན་འོས་མི་བྱེ་བྲག་པ་༼འོས་མི་དེས་ལས་ཀ་དེ་དག་བྱས་ཀྱང་རུང་མ་ བྱས་ཀྱང་རུང་༽གང་དེར་བྱ་བ་དེ་འདྲ་ལ་བརྟེན་ནས་ཐོབ་པའི་འོས་ཤོག་ཡོད་ཚད་རྩིས་ མེད་དང་ངོས་ལེན་མེད་པ་ཡིན་པར་བསྒྲགས་རྒྱུ་དེའང་འོས་བསྡུ་ལས་ཁང་གི་འདོད་དབང་ ཁོ་ན་ལ་ཡོད། ད་དུང་སྒྲིག་གཞི་འདིའི་ཧ་ཅང་གསལ་ཁ་མེད་པ་དང་ཕྱོགས་ཞེན་ཅན་གྱི་རྗོད་པ་འདིས་ དམངས་གཙོའི་བགྲོ་གླེང་དང་ཕྱོགས་འགལ་གླེང་བའི་སྤོབས་པ་ཞུམ་དུ་འཇུག་པའི་ཉེན་ ཁ་བཟོ་ཡི་ཡོད།
  • ད་ཕན་མ་མཐའ་ལའང་ད་ཡོད་སྲིད་སྐྱོང་མིན་པའི་འོས་མི་ཞིག་གི་ངོས་ནས་འོས་ བསྡུ་ལས་ཁང་ལ་བསམ་འཆར་ཞུས་ཡོད་པ་རེད་ལ། དེ་ཡང་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་སྡིངས་ཆ་དེ་འོས་འདེམས་སྐད་འབོད་ཆེད་ སྤྱོད་མི་ཆོག་ཅེས་པ་དེ་ལ་ད་ཡོད་སྲིད་སྐྱོང་ལས་ཐོག་པས་རྒྱབ་འགལ་བྱས་སྐོར་ བཤད་ཡོད་ལ། འོས་བསྡུ་ལས་ཁང་ལ་སྒྲིག་འགལ་ཡོད་ཚད་ལ་ལྟ་རྟོག་བྱེད་པའི་མཐུན་རྐྱེན་མེད་པ་ དང་། འོས་བསྡུ་ལས་ཁང་གི་ལན་འདེབས་ཀྱིས་འདམ་གསེས་བྱས་ཏེ་སྒྲིག་གཞི་ལག་བསྟར་བྱེད་ སྲིད་པའི་ཉེན་ཁ་ཡོད་པ་བསྟན་ཡོད། །
  • མཐར་ཧ་ཅང་གལ་ཆེ་བ་ཞིག་ལ། གོང་གསལ་གྱི་སྲིད་བྱུས་དང་བརྒྱུད་རིམ་ལ་འགན་ཁུར་ཡོད་པའི་འོས་བསྡུ་ལས་ཁང་ དང་། གྲོས་ཚོགས། བཀའ་ཤག་གི་ལས་བྱེད་རྣམས་ནི་ཡང་ན་རང་རང་གི་དབང་ཆའི་རྐུབ་སྟེགས་དེ་འབྱུང་ འགྱུར་གྱི་འོས་འདེམས་ཁྲོད་ཡོད་པ་ཞིག་གམ། ཡང་ན་ལས་བྱ་འདི་དག་གིས་བསྐོ་གཞག་བྱས་པ་གང་རུང་ཞིག་ཆགས་ཡོད། སྒྲིག་གཞི་འདི་དག་ཕྱིར་བསྒྲགས་མ་བྱས་གོང་ལ་སྒྲིག་གཞི་འདི་དག་བཟོ་བཞིན་པའི་ ཡོངས་གྲགས་བརྒྱུད་རིམ་དང་མི་དམངས་ཀྱི་གྲོས་བསྡུར་དང་ལེན་བྱས་པ་མེད་པ་མ་ཟད། རང་དབང་ཅན་གྱི་ཁྲིམས་ལུགས་ཞིབ་བཤེར་བརྒྱུད་དེ་སྒྲིག་གཞི་འདི་དག་རྒྱལ་ སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་འགྲོས་དང་མཐུན་པ་ངེས་གཏན་ཡིན་པའམ་སྒྲིག་ གཞི་འདི་དག་དྲང་བདེན་གྱིས་ལག་བསྟར་བྱེད་རྒྱུར་ངེས་གཏན་བྱེད་པ་ཞིག་ཀྱང་མེད་ པ་རེད།

འདི་འདྲའི་དམངས་གཙོ་མིན་པའི་ལག་ལེན་དག་ལས་འབྱུང་སྲིད་པའི་་རྙོག་དྲ་ནི་ མང་པོ་དང་ཛ་དྲག་རེད། འོས་བསྡུ་མགོ་མ་ཚུགས་གོང་ནས་ད་ཡོད་དབུ་འཁྲིད་དག་གིས་ཁ་གཏད་རྣམས་ཁུ་སིམ་མེར་ འཇོག་པ་དང་། རང་ཤེད་དང་ཕྱིས་འབྱུང་སྔར་ཁྲིམས་ལ་ཁག་དཀྲི་བའི་ཐོག་ནས་གནད་འགག་གི་སྒྲིག་ གཞིའི་དོན་ཚན་ཁག་ལ་ཐག་གཅོད་པའི་མཐུན་རྐྱེན་བསྐྲུན་པ་དེས། རང་གི་མི་དམངས་དང་། རང་གི་གནས་ཚང་རྒྱ་གར་རྒྱལ་ཁབ། རང་གི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་པའི་རྨང་གཞི། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་ དབུས་བོད་མིའི་སྒྲིག་འཛུགས་ནི་ཡིད་བརྟན་མི་འཕེར་ཞིང་དམངས་གཙོ་མིན་པའི་ཚོགས་ པ་ཞིག་ལ་ངོས་འཛིན་བྱེད་པའི་ཉེན་ཁ་བཟོ་ཡི་ཡོད། དེ་ལས་ཀྱང་ཛ་དྲག་པོ་ཞིག་ནི། དེ་ལྟ་བུའི་ལག་ལེན་ལ་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་གྱི་གོ་གནས་དག་ནི་ རང་དབང་དང་དྲང་བདེན་གྱི་འོས་ཤོག་མང་པོ་ཐོབ་པ་ལ་བརྩི་མི་དགོས་མཁན་གྱི་མི་ རྣམས་ཀྱི་ལག་ཏུ་ཤོར་རྒྱུའི་གོ་སྐབས་ཕྱེས་པ་རེད་ལ། དེར་བརྟེན་བོད་མི་དམངས་ཀྱི་འདོད་མེད་པའམ་མཐའ་ན་འདོད་མོས་དང་འགལ་ནས་བྱ་བ་ སྒྲུབ་ཀྱི་རེད།

ཆ་ཤས་ཙམ་ཡིན་མོད་འོན་ཀྱང་གལ་ཆེ་བའི་ཆ་ཤས་ཀྱི་ཐོག་ནས་ཞུས་ན། ང་ཚོའམ་འཛམ་གླིང་ཁྱོན་གྱི་མི་སྣ་གཞན་མང་པོས་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ བྱེད་རྒྱུ་དེ་ནི། ༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ཁྲོད་དུ་དམངས་གཙོའི་ལམ་ལུགས་ བཙུགས་པའི་འབད་བརྩོན་མཛད་པ་དེའི་ལག་ལེན་དང་དགོངས་པ་གཉིས་ཀ་ལ་དབུས་བོད་མིའི་ སྒྲིག་འཛུགས་ཀྱིས་བཀའ་རྩི་དང་ལེན་བྱེད་མིན་དེ་ལ་གཞི་བཅོལ་ཡོད་ཅིང་། དེ་ཡང་རང་དབང་དང་དྲང་བདེན། རིས་སུ་མ་བཅད་པའི་འོས་འདེམས་ཀྱི་བརྒྱུད་རིམ་ལ་མི་དམངས་ཀྱི་བློ་འགེལ་ཡིད་ ཆེས་གཙང་མ་ཞིག་བྱས་ཡོད་པ་དེས་ཁྱད་པར་དུ་ཕྱེས་པ་དེ་ལ་གཞི་བཅོལ་ཡོད། ང་ཚོས་སྐུ་ཉིད་ཀྱིས་གོང་བཀོད་ང་ཚོའི་སེམས་འཚབ་ཚང་མ་ལ་གང་མགྱོགས་༼སྔོན་ འགྲོའི་འོས་འདེམས་ཀྱི་ཡར་སྔོན་ལ།༽བཟང་ཕྱོགས་ཀྱི་ལན་རེ་གནང་རྒྱུར་འབོད་སྐུལ་ བྱེད་བཞིན་ཡོད།

༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐེངས་མང་པོར་འཛམ་གླིང་ ཁྱོན་ཡོངས་ལ་བོད་ལ་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བྱས་ཡོད་ཅིང་། འཛམ་གླིང་ཁྱོན་གྱི་བོད་དོན་རྒྱབ་སྐྱོར་བའམ་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ ཀྱིས་རོགས་སྐྱོར་བྱས་པ་ལ་ཁོང་རྣམས་ཀྱིས་རྗེས་སུ་ཡི་རངས་ཞུས་ཡོད། འབོད་སྐུལ་དེ་ལ་ལན་འདེབས་མཁན་ནི་ང་ཚོ་ཡིན། མུ་མཐུད་ནས་རྒྱབ་སྐྱོར་དེ་ལྟར་ཡོང་རྒྱུ་ནི་ཡིན་ཤག་ཤག་གནང་རྒྱུ་མེད་པ་རེད།

མཚན་རྟགས་འགོད་མཁན།

John Ackerly, Former President, International Campaign for Tibet, USA

Anders Højmark Andersen, Member of Tibet Support Committee, Denmark

Agurtzane Berasarte, Co-Founder and General Secretary, Phagma Drolma Association for Solidarity for the Tibetan People, Basque Country

Christophe Besuchet, Co-Founder, Comité de Soutien au Peuple Tibétain, Switzerland

Alan Cantos, CAT – Comite de Apoyo al Tibet, Spain

Philippa Carrick, Chief Executive Officer, Tibet Society, UK

Jack Churchward, Former CACCP Coordinator, USA

Florence Cotte, Militante Pour Un Tibet Libre, France

Monika Deimann-Clemens, 24 years TSG Germany; Tibet Flag Campaign, Germany

Angela Dempster-Passang, Member of SFT New Zealand, University of Otago Chapter, New Zealand

Dan Haig, Founder of Tibet Online, Past-President of Committee of 100 for Tibet, USA

Eva Herzer, Former President, Tibet Justice Center, USA

John Hocevar, Founder of Students for a Free Tibet and Former Co-Chairman of International Tibet Support Network (ITSN), USA

Jeff Inglis, Member of Tibet Justice Center, USA

Neville Jacobs, Member of Tibet Committee of Fairbanks, USA

Blake Kerr MD, Independent Human Rights Investigator, USA

Linda Mancini, Member of Boston Tibet Network, USA

José Elias Esteve Moltó, Main Research Lawyer and Author of Tibet Lawsuits, Professor of International Law, University of Valencia, Spain

Olivier Mores, Co-Founder and Honorary President, Les Amis du Tibet, Luxembourg

Rebecca Novick, Former President, Board Member and Consultant, Los Angeles Friends of Tibet; Founding Producer, The Tibet Connection; Country of Origin Information Expert on Tibet for Fahamu Refugee Programme, USA

Anthony O’Brien, Co-Founder of TSG-Ireland, Co-Founder of ECO-Tibet, Ireland

Jean-Paul Ribes, President, Comité de Soutien au Peuple Tibétain, France

Conrad Richter, Former Editor of World Tibet News (WTN), Canada

Sandra Ross, Director, Member of US Tibet Committee, USA

Elliot Sperling, Professor of Tibetan Studies, Indiana University, USA

Neil Steedman, Founder Chairman of TSG-Ireland, Co-Founder of ITSN, Member of Committee of 100 for Tibet, Ireland

Giovanni Vassallo, President of Bay Area Friends of Tibet, Past-President of Committee of 100 for Tibet, USA

* * *

www.tibet.org/openletter

Bookmark and Share

Leave a comment!

You must be logged in to post a comment.