ཨེ་ཤ་ཡའི་རང་བྱུང་ཁོར་ཡུག་དང་བོད།
loading...
རང་བཙན། འཇིགས་ཞུམ་བྲལ་བའི་སྙིང་སྟོབས་དང་ལས་ལ་བརྩོན་པའི་དཔའ་ངར་གཉིས་ཀྱིས་འཇིག་རྟེན་མི་ཡུལ་འདི་ནས་རང་ཡུལ་ལེན་དུ་འགྲོ་་དགོས། ཁ་ཕྱོགས་གཅིག དམིགས་ཡུལ་གཅིག འཐབ་རྩོད་གཅིག་འདི་ལྟར་འགྲོ་འདོད། བོད་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་ངོ་མཚར་བའི་རིག་གཞུང་གི་བདག་པོ་ཡིན། འཛམ་གླིང་གི་ཡང་རྩེ་གངས་རིའི་ཕ་ས། ཨེ་ཤ་ཡའི་ཆུ་བོའི་འབྱུང་གནས། རང་བྱུང་གི་ཁོར་ཡུག་ལས་སྨན་སྣ་དང་སྐྱེ་དངོས་ཁྱད་པར་ཅན་གྱི་སྐྱེད་ཚལ་ལྟ་བུར་གྲུབ་ཡོད། འོན་ཀྱང་རང་བྱུང་ཁོར་ཡུག་ལ་ཚབས་ཆེ་བའི་གནོད་སྐྱོན་གཏོང་བའི་གཏེར་ཁ་སྔོག་འདོན་དང་། ཆུ་ཆེན་ཕར་འདྲེན་ཚུར་འདྲེན། རྩ་ཆེན་གྱི་སྲོག་ཆགས་རྩ་མེད་གཏོང་བ་སོགས་མདོར་ན་འདི་དག་ཚང་མ་ཆབ་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར་ཨེ་ཤ་ཡའི་ཁོར་ཡུག་གི་གནད་དོན་ཡིན། དགྱ་དམར་གྱིས་བོད་ཀྱི་ཆུ་བོ་ཆེན་པོ་བཞི་དགྱ་ནག་ནང་ལ་ཁ་བསྒྱུར་འདོད་ཀྱི་ཧམ་སེམས་འདི་ཁོ་ནས་ཀྱང་ཨེ་ཤ་ཡའི་རྒྱལ་ཁབ་ཆ་ཚང་མིག་ནང་དུ་་་འཇོག་བཞིན་མེད་པ་ཤེས་ཐུབ། རྒྱ་གར་ནི་འཛམ་གླིང་སྟེང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ཡིན་པས་ཆུ་བོ་འདི་དག་དགོས་མཁོ་ཧ་ཅང་ཆེ། དཔེར་ན། ལོ་རེར་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྟེ་ཀར་ཎ་དྲ་ཀ་དང་ཏ་མིལ་ན་ངྷུས་གཉིས་ཀྱང་ཆུ་བོ་ཆུང་ཆུང་ཞིག་གི་ཆེད་ཁྱོད་ཤི་ང་གསོན་གྱི་རྩོད་རྙོག་ནམ་རྒྱུན་བྱུང་བཞིན་ཡོད་པ་འདི་གཅིག་བུས་ཀྱང་རྒྱ་གར་ལ་མཚོན་ན་ཆུ་བོ་ཇི་འདྲའི་རྩ་་ཆེན་ཡིན་པ་གསལ་བོར་མཐོང་ཐུབ། ཕྱོགས་གཞན་ཞིག་ནས་བརྗོད་ན་རྒྱ་གར་བའི་ལྷ་སྒྲུང་ནང་གི་ཆུ་བོ་གཱངྒ་ཡང་བོད་ཀྱི་ཆུ་བོ་འདི་བཞི་ལས་གཅིག་ཡིན་ན། འདི་བཀག་ཚེ་རྒྱ་གར་ལ་རང་བྱུང་ཁོར་ཡུག་གི་གནོད་སྐྱོན་གཅིག་པུ་ཙམ་མ་ཡིན་པར་ཆོས་ལུགས་ཀྱི་གནད་དོན་ཞིག་ཀྱང་འབྱུང་སྲིད་པ་རེད། དེ་བཞིན་ཕ་ཀི་སུ་ཐན་སོགས་ཀྱིས་མཚོན་པའི་གནད་དོན་འདི་ཡང་འཛམ་གླིང་རང་བཞིན་་་་གྱི་རང་བྱུང་ཁམས་དང་། ཆོས་ལུགས། ཐ་ན་འགྲོ་བ་མིའི་རང་དབང་སོགས་ཀྱི་གནད་དོན་ཆགས་མི་ཡོང་བའི་ངེས་པ་མེད། སྐབས་དེར་གནད་དོན་ཚབས་ཆེ་ཞིང་ཛ་དྲག་པས་མི་དམངས་གང་མང་ཞིག་གི་ཤི་གསོན་ལ་ཐུག་པའི་གནས་ཚུལ་འདིའི་འོག་ནམ་རྒྱུན་དགྲ་ཟླར་འགྱུར་བཞིན་པའི་རྒྱལ་ཁབ་གཉིས་མི་འདོད་བཞིན་མཐུན་སྒྲིལ་དང་མཉམ་གནས་ཀྱིས་དགྱ་དམར་ལ་ཁ་གཏད་གཅོག་དགོས་་པའི་དུས་ཤིག་ཡོང་སྲིད། སྐབས་དེར་དམར་པོའི་སྲིད་གཞུང་ལ་གཏན་ནས་འདོད་པ་མེད་པས་དགྱ་ནག་མི་དམངས་དང་དེ་བཞིན་གྲངས་ཉུང་མི་རིགས་དག་གིས་གོ་སྐབས་འདི་དམ་འཛིན་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་ཤུགས་ཆེན་སྒོས་དམངས་གཙོ་དང་རང་བཙན་རྩོད་ལེན་བྱེད་པའི་རྣམ་པ་འདིས། གཅིག་ལ་གཅིག་འགྲན་ལྟ་བུར་དགྱ་ནག་ནང་ཟང་ཟིང་ཆགས་སྲིད་པས། ཕྱི་དགྲ་དང་ནང་དགྲ་གཉིས་ཀྱི་བར་ཤི་གསོན་འབྱེད་དཀའ་བའི་དུས་དེར། ཕྱི་གླིང་བའི་རྒྱལ་ཁབ་གང་མང་གིས་ཨེ་ཤ་ཡའི་སྟོབས་ལྡན་རྒྱལ་ཁབ་མེད་པ་བཟོ་འདོད་ཀྱི་་་ཀུན་སློང་ལེགས་འགྲུབ་ཆེད་འགྲོ་བ་མིའི་ཐོབ་ཐང་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཞི་བདེ་སོགས་ཁར་ཁྱེར་ནས་རྒྱ་དམར་ལ་བཙན་འཛུལ་བྱེད་ངེས་ཡིན་པ་དང་། དགྱ་དམར་གྱིས་ཀྱང་རང་ཉིད་སྟོབས་ལྡན་དྲག་ཤུགས་འཛམ་གླིང་འདིར་འགྲན་ཟླ་བྲལ་བར་རློམ་པའི་བདེན་དཔང་སྟོན་ཆེད། སྟོབས་ཤུགས་དང་དྲག་ཤུགས་གཉིས་ལ་བརྟེན་ནས་འཛམ་གླིང་འཁྲུག་ཆེན་གསུམ་པ་མགོ་བརྩམ་པ་མ་ཡིན་ནམ། དེ་བས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ལ་ཨེ་ཤ་ཡ་ཡོངས་ཀྱིས་བསམ་བློ་ཞིབ་མོ་གཏོང་དགོས། འདི་ནི་བོད་ཁོ་ནའི་ཆབ་སྲིད་ཀྱི་གནད་དོན་མ་ཡིན་པར་ཨེ་ཤ་ཡ་དང་འཛམ་གླིང་གི་བདེ་འཇགས་ལའང་འབྲེལ་བ་ཡོད་པས། ཉིན་རེ་ནས་ཉིན་རེར་ཆུ་བོའི་གནད་དོན་གལ་ཆེན་དུ་གྱུར་བཞིན་པའི་དེང་སྐབས་འགྲོ་བ་མི་ཡོངས་ཀྱིས་འདི་ལ་བསམ་བློ་ཞིབ་མོ་གཏོང་དགོས་ཀྱི་ཡོད།
Popularity: 5%